རི་སྤྱང་ཁེར་འགྲོ་ནི་རྩོམ་པ་པོ་དང་ནང་ཆོས་སྐད་བསྒྱུར་བ། སྤྱི་ཚོགས་ཞབས་ཞུ་བ་དང་ཁོར་ཡུག་སྲུང་སྐྱོབ་ཉམས་ཞིབ་པ། དུད་འགྲོའི་ཚེ་སྲོག་རང་དབང་སྲུང་སྐྱོབ་པ་དང་དབྱིན་ཇིའི་སྙན་ངག་འབྲི་མཁན་པ་བཅས་ཡིན། ཁོང་རྨ་ལྷོ་དགེ་འོས་སློབ་གྲྭའི་སློབ་མ་ཡིན་དུས་མཚོ་སྔོན་ཁྲིམས་ལུགས་གསར་འགྱུར་སྟེང་སྔ་ཕྱིར་རང་གི་བྲིས་རྩོམ་དང་བསྒྱུར་རྩོམ་ཁ་ཤས་བཀོད།

༡༩༩༢་ལོར་རྒྱ་གར་ལ་ཕྱིན་ནས་དང་ཐོག་སྦིར་སུ་ཇ་སློབ་གྲྭར་དབྱིན་ཡིག་སྦྱང་།  སློབ་གྲྭའི་བོད་ཡིག་རྩོམ་ཡིག་འགྲན་བསྡུར་རྩེ་ཕུད་ཐེངས་ཤས་ཐོབ།   དབྱིན་ཇིའི་སྐད་ཡིག་སྦྱོང་བའི་ཞོར་དུ་༼ལྗང་གཞོན༽་དང་༼གངས་རྒྱུན༽་  ༼ལྡུམ་རྭ༽་སོགས་ཀྱི་སྟེང་རང་མོས་སྙན་ངག་དང་ལྷུག་རྩོམ་དང་སྒྱུར་རྩོམ་སོགས་བཀོད།
 ༡༩༩༣་ལོར་རྡ་རམས་ས་ལ་གནས་སྤོར་ནས་ཕྱི་དྲིལ་ཁོར་ཡུག་སྲུང་སྐྱོབ་ཀྱི་རང་ཁོངས་ལས་བྱེད་ངོར་ལོ་ཤས་རིང་ཁོར་ཡུག་སྲུང་སྐྱོབ་མཁས་དབང་གདན་ཞུ་བར་སྐད་བསྐྱུར་དང་།  གོང་ས་མཆོག་གིས་དབྱིན་ཇིའི་སྐད་ཡིག་ཐོ་བསྩལ་བའི་བཀའ་སློབ་བམ་གཏམ་བཤད་ཕྱོགས་བསྒྲིགས <<  His Holiness The Dalai Lama’s Collected Speeches on The Environment>> ཞེས་པའི་བརྩམས་ཆོས་དཔེ་ཆ་བོད་ཡིག་ཏུ་བསྒྱུར་ནས་བོད་གཞུང་ཕྱི་དྲིལ་ཁོར་ཡུལ་སྡེ་ཚན་གྱིས་པར་བསྐྲུན་དང་འགྲེམས་སྤེལ་བྱས།     རྡ་རམས་ས་ལ་ནས་སྤེལ་བའི་་གོང་ས་མཆོག་གི་མཛད་རྗེས་སྐོར་ལ་རྩོམ་ཡིག་འགྲན་བསྡུར་ཨང་གཉིས་བའི་བྱ་དགའ་རྒྱལ་བ་རིན་པོ་སྐུ་དངོས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཐང་ཆེན་དུ་ཕྱི་ནང་སྐྱ་སེར་སྟོང་ཕྲག་འདུ་བའི་མཛད་སྒོ་ཐོག་ཏུ་སྩོལ་གནང་མཛད།    ད་དུང་རྡ་རམས་ས་ལབོ་ད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭར་ལོ་ཤས་རིང་ནང་ཆོས་ལོ་ཙཱའི་སྐོར་ལ་སློབ་སྦྱོང་བྱས།  ཞོར་དུ་དབྱིན་ཡིག་ནང་ཀློག་བདེར་སྦྱར་བའི་མདོ་སྔགས་ཀྱི་བརྩམས་ཆོས་བརྒྱ་ཕྲག་བརྒལ་བ་ལྗགས་ཀློག་བྱས།
བྱེས་ཀྱི་དཔལ་ཡུལ་དགོན་པ་རྣམ་གྲོལ་གླིང་དང་།རིགས་ལམ་སློབ་གཉེར་ཁང་།  བདུད་འཇོམས་རིན་པོ་ཆེིའི་ཐུགས་སྲས་མཁས་བཙུན་བཟང་བོ་རིན་པོ་ཆེའི་དགོན་པ་དང་བལ་ཡུལ་བྱེས་ཆེན་དགོན་སོགས་སུ་ཟུར་ཞུགས་བྱས་ནས་ནང་ཆོས་ལ་སློབ་གཉེར་དང་ཞིབ་འཇུག་བྱས། 

༡༩༩༦་ལོར་འཛམ་གླིང་ཤར་ནུབ་ཀུན་ཏུ་ནང་ཆོས་སྒོམ་སྒྲུབ་དོ་སྣང་བྱེད་མཁན་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེ་བའི་འབར་མའི་སྒོམ་འཁྲིད་སློབ་དཔོན་གྷོ་ཨིན་ཁ་ལགས་ཀྱི་སྒོམ་གྲྭ་རུ་ཉིན་བཅུའི་རིང་གནས་བརྟན་སྡེ་བའི་ལུགས་ཀྱི་དབུགས་འབྱིན་རྔུབ་དང་ཚོར་བ་དྲན་པ་ཉེར་བཞག་གི་སྒོམ་ཐབས་རྩལ་དུ་བཏོན་པའི་༼ལྷག་མཐོང་སྒོམ་སྒྲུབ༽་ལ་ཞུགས་པ་ བོད་པ་ཞིག་སྒོམ་སྒྲུབ་ཁྱད་པར་བ་དེར་ཞུགས་ཐེངས་དང་པོ་ཡིན། ༢༠༠༡ ནས ༢༠༠༣ ་བར་ལོ་གསུམ་རིང་བླ་མ་ཡེ་ཤེས་དང་བླ་མ་བཟོད་པ་རིན་པོ་ཆེས་གསར་འཛུགས་གནང་བའི་༼Foundation For Preservation of Mahayana Tradition༽ དང་བསྡུས་མིང་FPMT་ ཞེས་པ་བོད་སྐད་དུ་ཐེག་ཆེན་བརྒྱུད་པ་གཅེས་ཉར་ཚོགས་པ་ཞེས་བའི་ཁོངས་གཏོགས་དགའ་ལྡན་ཡིད་ད་ཆོས་འཛིན་སྒོམ་སྒྲུབ་གླིང་དུ་ལོ་ཙྰ་བ་དང་། སྒོམ་འཁྲིད་དགེ་རྒན་གཞོན་པ།། སྒོམ་གྲྭ འཛིན་སྐྱོང་དོ་དམ་པ་བཅས་ཀྱི་འགན་འཁུར། ༢༠༠༢་ལོར་ཨ་རི་ཉེའོ་ཡོ ་(New York City)་གྲོང་ཁྱེར་ནང་གཞིས་སྤོ་བྱས་དེ། དེར་མུ་མཐུད་སྤྱི་ཚོགས་ཞབས་ཞུ་བ་དང་་ལོ་ཙཱ་བ་དང་སྐད་སྐྱུར་བའི་ལས་ཀར་ཞུགས། ཞོར་དུ་མུ་མཐུད་དཔེ་ཀློག་དང་རྩོམ་འབྲིའི་ལས་ལ་འཇུག་བཞིན་པའོ།